版权说明

ཀུན་སྣང་ཁྱབ་པ།


Gun Lang Qia Ba


༼ ༡ ༽ ངོ་སྤྲོད།

རྩ་བའི་སྡེ་ཚན། བཀའ། བཀའ་བརྟེན། གསུང་འབུམ། དཔེ་ཚོགས། ཞེས་བཞི་ཡོད།
ཀ ༽ བཀའ་ཞེས་པའི་ནང་བོན་གྱི་སྟོན་པ་གཤེན་རབ་མི་བོས་གསུངས་པའི་བཀའ་རིན་པོ་ཆེའི་སྐོརགཙོ་བོར་བསྡུས་ཡོད། ནང་གསེས་སྡེ་ཚན། མདོ་སྡེ། འབུམ་སྡེ། སྔགས་སྡེ། སེམས་སྡེ། ཀུན་འདུས། ཞེས་ལྔ་ཡོད། ལྟ་ཀློག་དང་ཞིབ་འཇུག་སླ་ཆེད་ཀན་སུ་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་༼གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ༽ཞེས་པའི་དེབ་གཟུགས་ཀྱི་ལྡེབས་གྲངས་མཚུངས་པར་བསྒྲིགས་ཡོད། གསུང་རབ་དག་གི་དབུ་འཇུག་སོགས་སུ་ཡོད་པའི་ཞང་ཞུང་དྲག་ཡིག་དང་གཏེར་ཡིག་སྨར་སྦྲག་ཡི་གེ་དང་། རྩིས་གཞུང་སོགས་ཀྱི་རེའུ་མིག་ནང་གི་ཡི་གེ་སོགས་མཉེན་ཆས་རིམ་པ་རྗེས་མའི་ནང་འཆར་ཐུབ་པར་བྱ་རྒྱུ་ཡིན།
ཁ ༽ བཀའ་བརྟེན་ཞེས་པའི་ནང་སྔ་དར་མཁས་གྲུབ་རྣམ་པས་བརྩམས་པའི་བཀའ་བརྟེན་སྐོར་ཏེ། ནང་གསེེས་སྡེ་ཚན། མདོ་སྡེའི་བཀའ་བརྟེན། འབུམ་སྡེའི་བཀའ་བརྟེན། རྒྱུད་སྡེའི་བཀའ་བརྟེན། མཛོད་སྡེའི་བཀའ་བརྟེན། རིག་གནས་བཀའ་བརྟེན། ཞེས་ལྔ་ཡོད། ལེགས་གྲུབ་གཞི་ནས་ཡིན།
ག ༽ གསུང་འབུམ་ཞེས་པའི་ནང་ཕྱིས་བྱོན་བླ་མའི་གསུང་འབུམ་སྐོར་ཏེ། ད་ལྟ་དངོས་སུ་ཀུན་མཁྱེན་ཤར་རྫ་པ་དང་ཡོངས་འཛིན་ཚུལ་རྒྱན་པའི་གསུང་འབུམ་གཉིས་སྦམས་ཡོད།
ང ༽ དཔེ་ཚོགས་ཞེས་པའི་ནང་། བརྡ་སྤྲོད་དང་། སྙན་ངག ཚད་མའི་དཔེ་ཚོགས་སོགས་གང་རྙེད་བསྡུ་འཆར་ཡོད། ལེགས་གྲུབ་བྱུང་མེད།


༼ ༢ ༽ བདག་དབང་།


སྤྱི་ཁྱབ་འགན་འཛིན་པ། ཁྱུང་པོ་སྟེང་ཆེན་དགོན་པའི་བླ་རབས་ཉེར་བདུན་པ་རྒྱ་མཚོ་ནོར་བུ་འམ་འོད་ཟེར་སྦྱིན་པ་ཕུན་ཚོགས།

སྒྲིག་འཛུག་ཚན་པ། གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་སྒྲིག་ཁང་། ཀུན་སྣང་ཁྱབ་པ་སྒྲིག་འགོད་ཚོགས་པ།

ལག་བསྟར་སྒྲིག་སྦྱོར་བ། དགེ་བཤེས་སོ་ཐར་བསྟན་འཛིན། ཚ་རོང་ཤེས་རབ་འོད་ཟེར།
བཟོ་སྐྲུན་ལྟེ་གནས།  ཁྲིན་ཏུའུ་ཀྲང་ལན་མཐའ་ཡས་ཚན་རྩལ་ཚད་ཡོད་ཀུང་སི།


༼ ༣ ༽ ནུས་པ།


དཀར་ཆག་དང་གཞུང་ཚིག་ཐོག་ནས་འཚོལ་བཤེེར་ཆོག་པས་དཔེ་ཀློག་འཇུག་སྟབས་བདེ་པོ་བྱས་ཡོད། རྒྱབ་ལྗོངས་མདོག་ག་གང་མོས་དང་། ཡིག་འབྲུ་ཆེ་ཆུང་དང་ཡིག་གཟུགས་གང་དགོས་བསྒྱུར་ཆོག དཔེ་ཆ་མང་པོ་ཚོམས་གཅིག་ཏུ་འདུས་ཀྱང་ལྗིད་ཚད་ཧ་ཅང་ཆུང་། མ་འོངས་པར་མུ་མཐུད་དེ་རིམ་པ་སྤར་ནས་ལེགས་ཆ་གསོག་རྒྱུ་ཡིན།

༼ ༤ ༽ བོན་སྦྱིན་པའི་རེ་སྨོན།

མདོ་གཡུང་དྲུང་ཀློང་རྒྱས་ལས།

སྒོ་བཞི་མཛོད་དང་ལྔ་ཡི་བོན།།ས་ཡི་རྡུལ་བཞིན་གྲངས་འཕེལ་ནས།།

རིན་ཆེན་སྣ་ལྔའི་གཏེར་བཞིན་དུ།།སེམས་ཅན་དོན་དུ་རྒྱས་པར་ཤོག། ཅེས་སོ།།

༼ ༥ ༽ ཕབ་ལེན་སོགས་བཀའ་འདྲི་ཞུ་ཡུལ།

དགེ་བཤེས་སོ་ཐར་བསྟན་འཛིན།  ཁ་པར། འཕྲིན་ཕྲན།  18008953777

ཚ་རོང་ཤེས་རབ་འོད་ཟེར།    ཁ་པར། 13551156788 འཕྲིན་ཕྲན། xrws1376


ཁྱུང་པོ་སྟེང་ཆེན་དགོན་པའི་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་སམ་ཚོགས་གཉིས་རྒྱ་མཚོ་ནོར་བུ་མཆོག་ནས་རིན་མེད་དུ་འགྲེམ་སྤེལ་གནང་།

སྟོན་པ་རྫོགས་པའི་སངས་རྒྱས་གཤེན་རབ་མི་བོ་སྐུ་འཁྲུངས་ནས་མི་ལོ་ ༡༨༠༣༣ འཁོར་བའི་མེ་སྤྲེལ་ལོ་ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༨ པའི་ཚེས་ ༢༧ ཉིན།